上海动漫音乐分享社区

经典歌曲,仲扎西旺甲འབྲོང་བཀྲ་ཤིས་དབང་རྒྱལ། 《པཎ་ཆེན་དྲན་གླུ思念班禅大师》

后藏藏歌网2018-10-18 11:27:32

           

   གཞས་འདི་ནི་ལོ་རབས་བརྒྱ་བཅུའི་རྒྱལ་པོ་ལགས་དང་ཉི་མ་ཚེ་རིང་ལགས་ཀྱི་གཞས་ཡིན་པས་༢༠༡༧ལོར་འབྲོང་-བཀྲ་ཤིས་དབང་རྒྱལ་ལགས་ཀྱི་ད་རེད་པཎ་ཆེན་རིན་པོ་ཆེ་དགོངས་པ་ཆོས་དབྱེངས་སུ་འཐིམ་ནས་མི་ལོ་༢༨འཁོར་བའི་རྗེས་དྲན་ཉི་མ་དེར་༼པཎ་ཆེན་དྲན་གླུ་༽ཞེས་པའི་སྙན་དབྱངས་ནི་བསྐྱར་དུ་འབུལ་བ་ཡིན་པས་ཁྱེད་རྣམ་སྙན་སེངས་ཡོད་པ་ཞུ།

【经过藏族歌手杰布拉同意下仲扎西旺甲翻唱的】




《པཎ་ཆེན་དྲན་གླུ》
   རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བཞུགས་པའི་གཞིས་བྱིས་སྤུན་ཟླ་ཡོངས་ལ་ལུས་བདེ་སེམས་སྐྱིད་ཡོང་བའི་འཚམས་འདྲི་ཞུ་བ་དང་ཆབས་གཅིག །རང་ཉིད་ངོ་སྤྲོད་མདོར་བསྡུས་ཞིག་ཞུས་ན་གུས་པ་ནི་དབུས་གཙང་ཆོས་ཀྱི་ཆོལ་ཁའི་ཆར་གཏོགས་བྲེ་སེར་འབྲོང་གི་ཕ་ས་ཆུ་མོ་ཡར་རླུང་གཙང་པོའི་འབྱུང་ཁུངས་ཏེ་ཕ་ཡུལ་འབྲོང་པ་རྫོང་ནས་ལང་ཚོའི་ཁོ་ལག་སྨིན་པའི་གསར་སྐྱེས་གཞས་པ་༼འབྲོང་:བཀྲ་ཤིས་དབང་རྒྱལ་༽ཡིན།དེ་རིང་སྟེ་སྤྱི་ཟླ་༡པོའི་ཚེས་༢༨ནི་རང་ཅག་ཁ་བའི་ལྗོངས་ལ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་པཎ་ཆེན་ཨེ་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག །དགོངས་པ་ཆོས་དབྱིངས་སུ་འཐིམ་ནས་མི་ལོ་༢༨འཁོར་བའི་རྗེས་དྲན་གྱི་ཉི་མ་རེད།དེར་རྟེན་གུས་པས་སྟབས་དེ་དང་བསྟུན་ནས་ང་རང་བོད་ཕྲུག་རྣལ་མ་ཞིག་ཡིན་པའི་ཆ་ནས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་ལ་རྗེས་དྲན་ཞུ་ཆེད་དྲན་གདུང་སེམས་ཀྱི་ཚོར་བ། སྙན་དབང་གསོ་བའི་དབྱངས་རྟ་ལ་དྲངས་ཏེ། 《པཎ་ཆེན་དྲན་གླུ》ཞེས་པའི་མཆོད་གཞས་ཚན་པ་ཞིག་རྣམ་པ་ཚོའི། སྤྱན་སྔར་འབུལ་རྒྱུ་བྱུང་བས་ཁྱེད་རྣམ་པའི་སྙན་སེམས་གསོ་བའི་བདུད་རྩི་རུ་འགྱུར་བར་སྨོན། བཀའ་དྲིན་ཆེ།

              གཞས་འདི་ཡག་པོ་འདུག་བསམ་ན་འོག་གི་མཐེ་བོང་འདི་གཅིག་གནན་རོགས།

                           想听故事请按住下面的【雪域文学苑

     ༄༅། །སྙན་འཇེབས་ཡིད་དབང་འཕྲོག་པའི་གླུ་དབྱངས་ཀྱིས་མི་སེམས་ལ་གཡོ་འགུལ་ཐེབས་པས་ང་ཚོས་ཁྱེད་རྣམས་ལ་རྒྱལ་ཕྱི་རྒྱལ་ནང་གི་སྙན་འཇེབས་ལྡན་པའི་བོད་གཞས་ཆེས་གསར་པ་དག་ཉིད་ཀྱི་སྙན་ལམ་ལ་འབུལ་འདོད། མ་ཎི་རྡོ་འབུམ་དང་རྩྭ་ཐང་སྟེང་གི་སྐལ་བཟང་མེ་ཏོག་རྣམས་གྱི་གསོ་སྐྱོང་ནི་ཁྱེད་ཉིད་ཀྱི་སེམས་ནང་དུ་བཞད་ཅིང་། གང་བསམ་མེད་པའི་འཁྱམས་པོ་ཡི་འཚོ་བར་རོལ་མཁན་རྣམས་ལ་ཁྱིམ་དུ་ལོག་པའི་སྐུལ་ལྕག་ཀྱང་བྱེད་ཐུབ་པའི་རེ་བ་ཡོད།



གལ་སྲིད་ནང་དོན་ཐད་ནོར་འཛོལ་ལ་སོགས་པའི་དགོངས་འཆར་ཡོད་ཚེ་གཤམ་འོག་དུ་བཀའ་སློབ་གང་མང་ཡོད་པ་ཞུ།།
 内容有问题和意见请下面【写留言】留下您的意见谢谢